[...] “ ང་ལུ་གྲོས་འཆར་ཅིག་ཡོད།" དེ་གིས་ ངེའི་ཆ་རོགས་ཨེ་པིརིལ་གྱིས་ མ་གཞི་མོ་རའི་གསང་བ་ཚུ་ལགེས་ཤོམ་ཅིག་ག་ནི་ཡང་མེན་རུང་ མོ་གིས་སང་བའི་བློ་ཅིག་སླབ་དགོ་མནོ་བའི་སྐབས་འབད་དོ་བཟུམ་སྦེ་ གདོང་ཁར་བལྟ་ཧེན་སྡོད་ཅི། ཡང་ཅིན་ དེ་བ་ཡང་ ངོ་མ་ར་གསང་བ་ཅིག་ཨིན། "གལ་སྲིད་ཁྱོད་ཀྱིས་ ང་ནཱ་ལུ་འདུག་ཟེར་ག་ལུ་ཡང་ མ་སླབ་པ་ཅིན་ ང་གིས་ཁྱོད་ལུ་ནན་གཏན་སྦེ་བལྟ་གེ།" ནཱ་ལས་འཐོན་ཡར་སོ། འདི་གིས་ ཧ་ལམ་ཅིག་གི་རིང་ལུ་མིག་ཏོ་འཁྱབ་སྡོད་ཅི། " དེ་འབད་ནི་དེ་གིས་ར་ ང་གིས་འབད་ནི་ལུ་དཔའ་བཅམ་དོ་ཡོདཔ་ཨིན།" " ང་གིས་འབད་བ་ཅིན་ དེ་ཁྱོད་ཀྱིས་འབད་ཚུགས་ར་ཚུགས་ཟེར་སླབ་ནི་སྦེ་ཨིན།" " ག་ཅི་སྦེ་་འབད་མི་ཚུགས་ནི? " " བདེན་པས། མིག་ཤེལ་ཚུ་གི་ནང་ལས་མ་གཏོགས་ ག་གིས་ཡང་ ངེའི་མིག་ཏོ་ལུ་ནན་གཏན་སྦེ་བལྟ་མ་ཚུགས།" " ང་ལུ་ལྕོགས་གྲུབ་དག་པ་ཅིག་ཡོད། དེ་ཡང་ཅིན་ཁྱོད་ཀྱིས་མཐོང་ནི་འོང་། " ང་གིས་ཁྱོད་ཀྱི་སྐོར་ལས་ ག་ལུ་ཡང་སླབ་ནི་མེད།? " " འ་ནཱི་དེ་ དེའི་བཅུད་དོན་ཨིན། འ་ནཱི་དེ་རྩ་ཅན་ཅིག་ཨིན། " " ང་གིས་ ཁྱོད་ཀྱིས་ང་ ག་ནི་ཡང་མ་ཤེསཔ་སྦེ་མི་བཟོ་ཟེར་ ང་གིས་ག་དེ་སྦེ་ཤེས་ནི? ཡང་ཅིན་ ཁྱོད་དམ་བཅའ་འབད་ཡི་ར་ སེམས་ཀྱི་གདིང་ལས་ར་ ཤོབ་རྐྱབ་སྡོད་མི་ བརྒྱང་འཕྲིན་ཐོག་ལས་ཚོང་རྐྱབ་སྡོད་མི་བཟུམ་ཅིག་ཨིནམ་འོང་།" དེ་གིས་སླབ་ནི་འགོ་བཙུགས་ཅི། ལོག་ཅི་ལོག་ཅི་ར་སླབ་ཅི། " ང་གིས་ ང་ལུ་གནོདཔ་བཀལ་མི་སྲོག་ཆགས་ཅིག་ལུ་ཨིན་རུང་ དེ་བཟུམ་འདི་ འབད་ར་མི་འབད། " " དོན་དག་དེ་ གལ་སྲིད་ང་གིས་ཁྱོད་ལུ་གནོདཔ་བཀལ་བ་ཅིན་ ཁྱོད་ཀྱིས་ང་ག་ནི་ཡང་མ་ཤེསཔ་བཟོ་བཞག་འོང་།" " འ་ནཱི་དེ་ ཤེས་དགོཔ་ཡོད་མི་ལུ་ གཞི་བཞག་བཞགཔ་ཅིག་ཨིན་པས། " " དེ་ལས་ གལ་སྲིད་ཁྱོད་ཀྱིས་ང་ལུ་ ནན་གཏན་སྦེ་མིག་ཏོ་འཁྱབ་པའི་ཁར་ ང་གིས་ ཁྱོད་ཀྱི་སྐོར་ལས་ག་ལུ་ཡང་མ་སླབ་པ་ཅིན་ ཁྱོད་ཀྱིས་དེ་ཁ་ལས་བཀོ་བཞག་སྟེ་འགྱོ་འོང་? " འ་ནཱི་དེ་ དེའི་བཅུད་དོན་ཅིག་ཨིན" | Entry #37555 — Discuss 0 — Variant: Not specifiednone
|